

སློབ་སྔོན་སློབ་གསོའི་དུས་རིམ།
གསོ་སྐྱོང་སློབ་གསོ་གྲོན་དངུལ་མི་ལེན་པ་དང་འཚོ་བའི་ཁ་གསབ་གྲོན་དངུལ་སྟེར་བའི་ནང་དོན་གཉིས།
གསོ་སྐྱོང་སློབ་གསོའི་གྲོན་དངུལ་མི་ལེན་པ། ཁུལ་ཡོངས་ཀྱི་རྫོང་རིམ་པ་ཡན་གྱི་སློབ་གསོ་སྲིད་འཛིན་དོ་དམ་སྡེ་ཁག་གི་ཞིབ་བཤེར་ཆོག་མཆན་བརྒྱུད་དེ་བཙུགས་པའི་གཞུང་གཉེར་བྱིས་སྐྱོང་ཁང་དང་ཀུན་ཕན་རང་བཞིན་གྱི་དམངས་གཉེར་བྱིས་སྐྱོང་ཁང་གི་བྱིས་པར་གསོ་སྐྱོང་སློབ་གསོའི་རོགས་དངུལ་སྟེར་བའི་སྲིད་ཇུས་ལག་བསྟར་བྱེད་བཞིན་ཡོད། བྱིས་སྐྱོང་ཁང་དུ་ཡོད་པའི་སློབ་སྔོན་ལོ་རིམ་གཉིས་པ་དང་གསུམ་པའི(བྱིས་སྐྱོང་ཁང་གི་འཛིན་གྭ་འབྲིང་བ་དང་ཆུང་བ)བྱིས་པ་རེ་ལ་ལོ་རེར་སྒོར1200ཡི་ཁ་གསབ་རོགས་དངུལ་སྟེར་བ་དང་། བྱིས་སྐྱོང་ཁང་དུ་ཡོད་པའི་སློབ་སྔོན་ལོ་རིམ་དང་པོའི(བྱིས་སྐྱོང་ཁང་གི་འཛིན་གྭ་ཆེ་བ་དང་སློབ་གྲྭའི་ཟུར་བཙུགས་སློབ་སྔོན་འཛིན་གྲྭ)བྱིས་པ་རེ་ལ་ལོ་རེར་སྒོར2200ཡི་ཁ་གསབ་རོགས་དངུལ་སྟེར།
འཚོ་བའི་ཁ་གསབ་གྲོན་དངུལ་སྟེར་བ། སློབ་སྔོན་ལོ་རིམ་དང་པོའི(བྱིས་སྐྱོང་ཁང་གི་འཛིན་གྲྭ་ཆེ་བ་དང་སློབ་གྲྭའི་ཟུར་བཙུགས་སློབ་སྔོན་འཛིན་གྲྭ)བྱིས་པ་རེས་ལོ་རེར་སྒོར1500ཡི་གཙང་གསུམ་མགོ་ཁུངས་ཀྱི་འཚོ་བའི་ཁ་གསབ་རོགས་དངུལ་ལོངས་སྤྱོད་བྱེད་ཐུབ།

འོས་འགན་སློབ་གསོའི་རིམ་པ།
སློབ་ཡོན་མི་ལེན་པ་དང་། སློབ་དེབ་ཀྱི་རིན་པ་མི་ལེན་པ། བཅའ་སྡོད་སློབ་མར་འཚོ་བའི་ཁ་གསབ་རོགས་དངུལ་སྟེར་བ། བཅའ་སྡོད་བྱས་མེད་པའི་སློབ་མར་འཚོ་བའི་ཁ་གསབ་རོགས་དངུལ་སྟེར་བ། རྨ་འབྲི་རྫ་གསུམ་འགོ་ཁུངས་ཀྱི་སློབ་མས་ཡུལ་གཞན་ནས་སློབ་གཉེར་བྱེད་པར་བྱ་དགའི་ཁ་གསབ་རོགས་དངུལ་སྟེར་བ་བཅས་ནང་དོན་ལྔ།
སློབ་ཡོན་མི་ལེན་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་མ་ཡོངས་ལ་སློབ་ཡོན་མི་ལེན་པ་དང་། སློབ་ཡོན་མེད་པར་བཏང་རྗེས་སློབ་གྲྭའི་རྒྱུན་ལྡན་གྱི་འཁོར་སྐྱོད་ལ་ཁག་ཐེག་བྱ་ཆེད། སློབ་གྲྭར་སྤྱི་སྤྱོད་གྲོན་དངུལ་གྱི་ཁ་གསབ་རོགས་སྐྱོར་བྱེད་པ་སྟེ། བྱེ་བྲག་ཚད་གཞི་ནི་བཅའ་སྡོད་ལམ་ལུགས་མིན་པའི་སློབ་གྲྭའི་སློབ་ཆུང་སློབ་མ་རེ་ལ་ལོ་རེར་སྒོར950དང་། དམའ་འབྲིང་གི་སློབ་མ་རེ་ལ་ལོ་རེར་སྒོར1150ཡི་ཁ་གསབ་རོགས་སྐྱོར་བྱེད། བཅའ་སྡོད་སློབ་གྲྭའི་སློབ་ཆུང་སློབ་མ་རེ་ལ་ལོ་རེར་སྒོར1450(གཙང་གསུམ་མགོ་ཁུངས་ཀྱི་འཚོ་བའི་ཁ་གསབ་སྒོར་200འདུས)དང་། དམའ་འབྲིང་གི་སློབ་མ་རེ་ལ་ལོ་རེར་སྒོར1650(གཙང་གསུམ་མགོ་ཁུངས་ཀྱི་འཚོ་བའི་ཁ་གསབ་སྒོར་200འདུས)ཡི་ཁ་གསབ་རོགས་སྐྱོར་བྱེད། དམིགས་བསལ་སློབ་གསོ་སློབ་གྲྭ་དང་སྤྱིར་བཏང་གི་སློབ་གྲྭར་སློབ་གཉེར་བྱེད་བཞིན་པའི་དབང་བོ་སྐྱོན་ཅན་སློབ་མ་རེ་ལ་ལོ་རེར་སྒོར6000གི་སྤྱི་སྤྱོད་མ་དངུལ་གྱི་ཁ་གསབ་རོགས་སྐྱོར་བྱེད།
སློབ་དེབ་ཀྱི་རིན་པ་མི་ལེན་པ། གྲོང་ཁྱེར་དང་གྲོང་གསེབ་འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་མ་ཡོངས་ལ་སློབ་དེབ་ཀྱི་རིན་པ་མི་ལེན་པ་དང་། ཚད་གཞི་ནི་སློབ་ཆུང་སློབ་མ་རེ་ལ་ལོ་རེར་སྒོར90དང་། དམའ་འབྲིང་གི་སློབ་མ་རེ་ལ་ལོ་རེར་སྒོར180ཡིན།
བཅའ་སྡོད་སློབ་མའི་འཚོ་བའི་ཁ་གསབ་རོགས་དངུལ། རོང་འབྲོག་ཁུལ་གྱི་བཅའ་སྡོད་སློབ་མ་དང་གྲོང་ཁྱེར་གྱི་ཁྱིམ་ཚང་དབུལ་བོའི་བཅའ་སྡོད་སློབ་མ་ཡོངས་ལ་འཚོ་བའི་ཁ་གསབ་རོགས་དངུལ་སྟེར་བ་དང་། ཚད་གཞི་ནི་རྩེ་ཁོག་རྫོང་གི་སློབ་ཆུང་གི་སློབ་མ་རེ་ལ་ལོ་རེར་སྒོར1700དང་། དམའ་འབྲིང་གི་སློབ་མ་རེ་ལ་ལོ་རེར་སྒོར1900ཡིན།
བཅའ་སྡོད་བྱས་མེད་པའི་སློབ་མའི་འཚོ་བའི་ཁ་གསབ་རོགས་དངུལ། 2019ལོའི་སློབ་སྐབས་གཉིས་པ་ནས་བཟུང་ཚགས་འཛུགས་བྱང་སྒྲིག་བྱས་ཡོད་པའི་འབྱོར་ཞན་ཁྱིམ་ཚང་གི་དབང་སྐྱོན་སློབ་མ་དང་། ཚགས་འཛུགས་བྱང་སྒྲིག་བྱས་མེད་པའི་ཁྱིམ་ཚང་གི་དབང་སྐྱོན་སློབ་མ། ཞིང་སྡེའི་དམའ་སྲུང་ཁྱིམ་ཚང་གི་སློབ་མ། ཞིང་སྡེའི་ཁྱད་དབུལ་རོགས་སྐྱོབ་འཚོ་སྐྱོང་སློབ་མ་སོགས་འབྱོར་བ་ཞན་པའི་ཁྱིམ་ཚང་རིགས་བཞིའི་སློབ་མ་བཅའ་སྡོད་བྱས་མེད་ཀྱང་འཚོ་བའི་ཁ་གསབ་རོགས་སྐྱོར་གྱི་ཁྱབ་ཁོངས་སུ་བཞག་པ་དང་། བཅའ་སྡོད་བྱས་མེད་པའི་སློབ་མར་རྒྱལ་ཁབ་ཀྱི་གཞི་རྩའི་ཚད་གཞིའི(སློབ་ཆུང་གི་སློབ་མ་རེ་ལ་ལོ་རེར་སྒོར1000དང་། དམའ་འབྲིང་གི་སློབ་མ་རེ་ལ་ལོ་རེར་སྒོར1250)50%ཡི་བསྡུར་ཚད་ལྟར། སློབ་ཆུང་སློབ་མ་རེ་ལ་ལོ་རེར་སྒོར500དང་། དམའ་འབྲིང་སློབ་མ་རེ་ལ་ལོ་རེར་སྒོར625སྟེར་རྒྱུ་གཏན་ལ་ཕབ་པ་ཡིན།
ཞིང་སྡེའི་འོས་འགན་སློབ་གསོའི་དུས་རིམ་གྱི་འཚོ་བཅུད་ལེགས་བཅོས་འཆར་གཞི། ཞིང་སྡེའི་སློབ་གྲྭར་འོས་འགན་སློབ་གསོ་མྱོང་བཞིན་པའི་སློབ་མ་ཚང་མར་འཚོ་བཅུད་ལེགས་བཅོས་ཀྱི་ཁ་གསབ་རོགས་དངུལ་སྟེར་བཞིན་ཡོད་དེ། ཚད་གཞི་ནི་སློབ་མ་རེ་ལ་ལོ་རེར་སྒོར800ཡིན་ལ། མཁར་གྲོང་གི་སློབ་གྲྭར་སློབ་གསོ་མྱོང་བཞིན་པའི་སློབ་མས་སྲིད་ཇུས་འདི་ལོངས་སྤྱོད་བྱེད་མི་ཐུབ།
རྨ་འབྲི་རྫ་གསུམ་འགོ་ཁུངས་ཀྱི་སློབ་མས་ཡུལ་གཞན་ནས་སློབ་གཉེར་བྱེད་པའི་བྱ་དགའི་ཁ་གསབ་རོགས་དངུལ། སློབ་གསོ་སྡེ་ཁག་གི་གཅིག་གྱུར་གྱི་རྩ་འཛུགས་བརྒྱུད་རང་ཁུལ་བརྒལ་བའི་ཡུལ་གཞན་དུ་སློབ་གཉེར་བྱེད་བཞིན་པའི་སློབ་མ་རེ་ལ་ལོ་རེར་སྒོར2300ཡི་སློབ་ཡོན་མི་ལེན་པ་མ་ཟད། སློབ་མ་རེ་ལ་ལོ་རེར་སྒོར2200ཡི་འཚོ་བའི་ཁ་གསབ་རོགས་དངུལ་སྟེར་བ་དང་། གལ་ཏེ་འབྲེལ་ཡོད་རྩ་འཛུགས་མ་བརྒྱུད་པར་རང་དགར་ཡུལ་གཞན་ནས་སློབ་གྲྭར་སོང་ཚེ་སྲིད་ཇུས་འདི་ལོངས་སྤྱོད་བྱེད་མི་ཐུབ།

མཐོ་འབྲིང་དཀྱུས་མའི་སློབ་གསོའི་དུས་རིམ།
རྒྱལ་ཁབ་ཀྱི་སློབ་སྐུལ་རོགས་དངུལ་སྟེར་བ་དང་། སློབ་ཡོན་དང་སློབ་དེབ་ཀྱི་རིན་པ་མི་ལེན་པ། རྨ་འབྲི་རྫ་གསུམ་འགོ་ཁུངས་ཀྱི་སློབ་མས་ཡུལ་གཞན་ནས་སློབ་གཉེར་བྱེད་པར་བྱ་དགའི་ཁ་གསབ་རོགས་དངུལ་སྟེར་བ་བཅས་ནང་དོན་གསུམ།
རྒྱལ་ཁབ་ཀྱི་སློབ་སྐུལ་རོགས་དངུལ། འབྱོར་ཞན་ཁྱིམ་ཚང་གི་སློབ་ཐོ་དངོས་སུ་བཀོད་ཡོད་པའི་མཐོ་འབྲིང་དཀྱུས་མའི་སློབ་མ་རེ་ལ་ལོ་རེར་སྒོར2000ཡི་སློབ་སྐུལ་དངུལ་སྟེར་བ་དང་། རིམ་པ་བགོས་ཏེ་བྱིན་ནའང་ཆོག
སློབ་ཡོན་དང་སློབ་དེབ་ཀྱི་རིན་པ་མི་ལེན་པ། སློབ་ཐོ་དངོས་དུ་བཀོད་ཡོད་པའི་རང་ཁུལ་གྱི་སློབ་མ་ཡོངས་ལ་སློབ་ཡོན་དང་སློབ་དེབ་ཀྱི་རིན་པ་མི་ལེན་པ་དང་། སློབ་ཡོན་གྱི་ཚད་གཞི་ནི་སྒོར400ཡིན་ལ། ལོ་རེའི་ནང་ད་དུང་སློབ་མ་རེར་སྒོར400ཡི་ཚད་གཞི་ལྟར་སློབ་དེབ་ཀྱི་རིན་པ་ཁ་གསབ་རོགས་སྐྱོར་བྱེད།
རྨ་འབྲི་རྫ་གསུམ་འགོ་ཁུངས་ཀྱི་སློབ་མས་ཡུལ་གཞན་ནས་སློབ་གཉེར་བྱེད་པའི་བྱ་དགའི་ཁ་གསབ་རོགས་དངུལ། སློབ་གསོ་སྡེ་ཁག་གི་གཅིག་གྱུར་རྩ་འཛུགས་བརྒྱུད་རང་ཁུལ་བརྒལ་བའི་ཡུལ་གཞན་དུ་སློབ་གཉེར་བྱེད་བཞིན་པའི་མཐོ་འབྲིང་སློབ་མ་རེ་ལ་ལོ་རེར་སྒོར2800ཡི་སློབ་ཡོན་སོགས་མི་ལེན་པ་མ་ཟད། སློབ་མ་རེ་ལ་ལོ་རེར་སྒོར2700ཡི་འཚོ་བའི་ཁ་གསབ་རོགས་དངུལ་སྟེར།
ལོ་དེར་སློབ་ཆེན་དང་ཆེད་སྦྱོང་སློབ་གྲྭ་དཀྱུས་མར་རྒྱུགས་འཕྲོད་པའི་རོང་འབྲོག་ཁྱིམ་ཚང་གི་སློབ་མ(ཁྱིམ་ཐོ་ལམ་ལུགས་བཅོས་སྒྱུར་ཁྲོད་མཁར་གྲོང་གི་ཁྱིམ་ཐོ་རུ་བསྒྱུར་བའི་ཁྱིམ་ཚང་གི་སློབ་མ)ཡོངས་ལ་བྱ་དགའི་ཁ་གསབ་རོགས་དངུལ་ཐེངས་གཅིག་གིས་སྟེར་བ་དང་། ཁྱིམ་ཐོ་མཁར་གྲོང་དུ་ཡོད་པའི་སློབ་མས་སྲིད་ཇུས་འདི་ལོངས་སྤྱོད་བྱེད་མི་ཐུབ། བྱེ་བྲག་གི་ཚད་གཞི་ནི་སློབ་ཆེན་དངོས་གཞི་སློབ་མ་རེ་ལ་ཐེངས་གཅིག་གིས་སྒོར10000དང་། ཆེད་སྦྱོང་སློབ་མ་རེ་ལ་ཐེངས་གཅིག་གིས་སྒོར6000གི་ཁ་གསབ་རོགས་དངུལ་སྟེར།

འབྲིང་རིམ་ལས་རིགས་སློབ་གསོའི་དུས་རིམ།
སློབ་ཡོན་མི་ལེན་པ་དང་། སློབ་དེབ་ཀྱི་རིན་པ་མི་ལེན་པ། སློབ་མའི་ཆ་སྙོམས་ཀྱི་གྲོན་དངུལ་ཁ་གསབ་རོགས་སྐྱོར། རྒྱལ་ཁབ་ཀྱི་སློབ་སྐུལ་རོགས་དངུལ། རྨ་འབྲི་རྫ་གསུམ་འགོ་ཁུངས་ཀྱི་སློབ་མས་ཡུལ་གཞན་ནས་སློབ་གཉེར་བྱེད་པའི་བྱ་དགའི་ཁ་གསབ་རོགས་དངུལ། རྒྱལ་ཁབ་ཀྱི་བསླབ་འབྲས་གཟེངས་བསྟོད་རོགས་དངུལ་བཅས་ནང་དོན་ལྔ།
སློབ་ཡོན་དང་སློབ་དེབ་ཀྱི་རིན་པ་མི་ལེན་པ། འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་སློབ་ཐོ་བཀོད་ཡོད་པའི་སློབ་མ་རེ་ལ་ལོ་རེར་ཚད་གཞི་སྒོར2700ཡི་སློབ་ཡོན་དང་། ཉལ་ཁང་གི་རིན་པ། དྲོད་རླངས་ཀྱི་རིན་པ་སོགས་ཅི་ཡང་མི་ལེན།
སློབ་མའི་ཆ་སྙོམས་ཀྱི་གྲོན་དངུལ། གཞུང་གཉེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་རུ་སློབ་ཡོན་མེད་པར་བཏང་བའི་རྨང་གཞིའི་སྟེང་ད་དུང་སློབ་མ་རེ་ལ་སྤྱི་སྤྱོད་གྲོན་དངུལ་གྱི་ཁ་གསབ་རོགས་སྐྱོར་བྱེད་དེ། ཚད་གཞི་ནི་སློབ་མ་རེ་ལ་ལོ་རེར་སྒོར1200ཡིན།
རྒྱལ་ཁབ་ཀྱི་སློབ་སྐུལ་རོགས་དངུལ། འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་སློབ་ཐོ་བཀོད་ཡོད་པའི་ལོ་རིམ་དང་པོ་དང་གཉིས་པའི་སློབ་མ་རེ་ལ་ལོ་རེར་སྒོར2000ཡི་སློབ་སྐུལ་རོགས་དངུལ་སྟེར་བ་དང་། ལོ་རིམ་གསུམ་པའི་སློབ་མ་རེ་ལ་ལོ་རེར་སྒོར800ཡི་སློབ་སྐུལ་རོགས་དངུལ་སྟེར།
རྨ་འབྲི་རྫ་གསུམ་འགོ་ཁུངས་ཀྱི་སློབ་མས་ཡུལ་གཞན་ནས་སློབ་གཉེར་བྱེད་པའི་བྱ་དགའི་ཁ་གསབ་རོགས་དངུལ། རང་ཁུལ་གྱི་མངའ་ཁོངས་བརྒལ་བའི་ཡུལ་གཞན་དུ་སློབ་གཉེར་བྱེད་བཞིན་པའི་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་སློབ་ཐོ་བཀོད་ཡོད་པའི་སློབ་མ་རེ་ལ་ལོ་རེར་ཆ་སྙོམས་སྒོར3300ཡི་ཚད་གཞི་ལྟར་ཁ་གསབ་རོགས་དངུལ་སྟེར་བ་དང་། སློབ་མ་རེ་ལ་ལོ་རེར་འཚོ་བའི་ཁ་གསབ་རོགས་དངུལ་སྒོར3200(ལོ་རིམ་གསུམ་པའི་སློབ་མར་སྒོར2200)སྟེར། ཞིང་ཆེན་ནང་ཁུལ་གྱི་ས་གནས་གཞན་དུ་ལས་རིགས་ལག་རྩལ་སློབ་གྲྭ་འགྲིམ་བཞིན་པའི་སློབ་མས་སློབ་ཡོན་དང་སློབ་དེབ་ཀྱི་རིན་པ་སྤྲོད་མི་དགོས་པ་དང་རྒྱལ་ཁབ་ཀྱི་སློབ་སྐུལ་རོགས་དངུལ་སྟེར་བ་བཅས་ཀྱི་སྲིད་ཇུས་སྔོན་ལ་དམིགས་བསལ་གྱིས་ལོངས་སྤྱོད་བྱེད་ཐུབ་ལ། གལ་ཏེ་གྲོན་དངུལ་གྱིས་མ་འདང་ཚེ་རྨ་འབྲི་རྫ་གསུམ་འགོ་ཁུངས་ཀྱི་གྲོན་དངུལ་ལས་འདང་ངེས་ཤིག་གཏོང་དགོས་པ་དང་། ལོ་རིམ་དང་པོ་དང་གཉིས་པའི་སློབ་མ་རེ་ལ་བཏང་བའི་སྤྱིའི་རོགས་དངུལ་སྒོར6500ལས་བརྒལ་མི་ཆོག་ལ། ལོ་རིམ་གསུམ་པའི་སློབ་མ་རེར་བཏང་བའི་སྤྱིའི་རོགས་དངུལ་སྒོར5500ལས་བརྒལ་མི་ཆོག རང་བདག་གིས་ཞིང་ཆེན་ཕྱིའི་འབྲིང་རིམ་ཆེད་ལས་ལག་རྩལ་སློབ་གྲྭར་རྒྱུགས་འཕྲོད་པའི་སློབ་མར་རོགས་དངུལ་ཐད་ཀར་དུ་སྤྲད་རྗེས། སློབ་མ་རང་ཉིད་ཀྱིས་སློབ་གྲྭར་སྤྲོད་དགོས།
རྒྱལ་ཁབ་ཀྱི་བསླབ་འབྲས་གཟེངས་བསྟོད་རོགས་དངུལ། འབྲིང་རིམ་ཆེད་ལས་ལས་རིགས་ལག་རྩལ་སློབ་གྲྭའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་སློབ་གསོ་མྱོང་བཞིན་པའི་སློབ་མའི་ཁྲོད་སྦྱངས་འབྲས་ཧ་ཅང་ཕུལ་དུ་བྱུང་བའི་སློབ་མར་རྒྱལ་ཁབ་ཀྱི་གཟེངས་བསྟོད་རོགས་དངུལ་སྟེར་བ་དང་། ཚད་གཞི་ནི་སློབ་མ་རེ་ལ་ལོ་རེར་སྒོར6000ཡིན།
© 转载自微信公众号《泽库县广播电视台》