当前位置: 首页 > 学校概况 > 学校简介(藏文)

学校简介(藏文)

2018年03月10日 13:54:12 访问量:268 作者:校办

རྩེ་ཆུ་གྲོང་རྡལ་ཞག་སྡོད་དཀྱིལ་སྙིང་སློབ་གྲྭ་ནི། རྩེ་ཁོག་རྫོང་གི་རྩེ་ཆུའི་འབབ་རྒྱུད་༧ཀུན་གཟིགས་པཎ་ཆེན་སྣང་བ་མཐའ་ཡས་ཀྱི་རྗེས་དྲན་གཙུག་ལག་ཁང་བཞུགས་སའི་གནས་མཆོག བྱ་དར་སྐྱིད་པོའི་རིའི་ཉེ་འདབས་སུ་ཆགས་ཡོད་ལ། སྤྱི་ལོ་༡༩༧༣ལོར་བཙུགས་ནས་ད་ལྟའི་བར་ལོ་ངོ་ཞེ་གཉིས་ཀྱི་ལོ་རྒྱུས་ཡོད།

སློབ་གྲྭའི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་༣༩༥༦༢དང་འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་༡༡༢༦༦ཡོད། སློབ་མ་རེར་ཆ་སྙོམས་སྨི་གྲུ་བཞི་མ་༡༦ཚེག་༧ལྷག་ཐེམས་པས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འཁེལ་གྱི་ཚད་ཐིག་ལ་བསླེབས་ཡོད།

སློབ་གྲྭ་ཡོངས་ལ་ཁྱོན་སློབ་མ་༧༤༢དང་དེའི་ནང་མོ་༣༧༤ཡོད་པ་དེ་ལོ་རིམ༦དང་འཛིན་གྲྭ་༡༩ཡིས་གྲུབ་ཡོད། དེའི་ནང་ཁོངས་གཏོགས་བྱིས་པ་ཁང་ལ་འཛིན་གྲྭ་༢དང་སློབ་མ་༨༦ཡོད། གཞན་གྲོང་རྡལ་ཡོངས་ལ་འཁོར་བསྐྱོད་བྱིས་པ་ཁང་༨ཡོད་པ་དེར་ཁྱོན་སློབ་མ་༡༢༡ཡོད།དེ་ནི་གོང་རིམ་འབྲེལ་ཡོད་སྡེ་ཁག་གི་ཡིག་ཆའི་དགོངས་དོན་གཞིར་བཟུང་ནས་གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་དང་། རང་སློབ་གྲྭའི་རམ་འདེགས་དང་རྒྱབ་སྐྱོར་འོག་སྡེ་བའི་རྩ་འཛུགས་ནས་འགན་བླངས་ཏེ་༢༠༡༤ལོའི་ཟླ་བཅུ་བར་འགོ་བརྩམས་ནས་སྒྲུབ་འགོ་ཚུགས་པ་ཡིན།

   དགེ་རྒན་དང་ལས་བཟོ་བ་ཁྱོན་༧༠ཡོད་ལ་དེའི་ནང་ཆེད་ལས་དགེ་རྒན་༤༥དང་རྫོང་རིམ་པའི་སྐབས་ཐོག་གདན་ཞུས་དགེ་རྒན་༧་དང་ལས་བཟོ་བ་༡༤བཅས་ཀྱིས་གྲུབ་ཡོད།

   རང་སློབ་གྲྭས་རྒྱལ་ཁབ་ཀྱི་གྲངས་ཉུང་མི་རིགས་ཚད་ལྡན་ཁྲིད་ཚན་རིགས་དང་པོའི་རྣམ་པ་ལག་བསྟར་བྱེད་བཞིན་ཡོད་ཅིང་། སློབ་སྒྲུབ་ཆ་རྐྱེན་གྱི་ཐད་ནས་ཉི་འོད་ནུས་པ་བསྡུ་ལེན་བྱེད་པའི་སློབ་ཁྲིད་ཐོག་ཁང་གཅིག་དང་། སྣ་འཛོམས་ཐོག་ཁང་གཅིག སློབ་མའི་མལ་ཤག་ལ་ཐོག་ཁང་གཉིས་དང་།དགེ་རྒན་སྡོད་ཤག་ཐོག་ཁང་གཅིག ད་དུང་རྒྱ་ཆེ་བའི་སློབ་མའི་ཟས་ཚོམས་ཁང་། རྩིས་འཁོར་ཁང་།ཚོད་ལྟ་ཁང་།དཔེ་མཛོད་ཁང་།སྐས་རིམ་སློབ་ཁང་།རི་མོ་ཁང་།སྐད་གདངས་ཁང་།གླུ་དབྱངས་ཁང་།ཞབས་བྲོ་ཁང་།གྲོས་ཚོགས་ཁང་།ཏང་ཡོན་བྱ་འགུལ་ཁང་།ན་ཆུང་གདོང་ལེན་རུ་ཁག་བྱ་འགུལ་ཁང་།སློབ་མའི་དམངས་གཙོ་བྱ་འགུལ་སོགས་འཛུགས་གྲུབ་བྱས་ནས་བཀོལ་སྤྱོད་བྱེད་བཞིན་ཡོད།གཞན་ད་དུང་སློབ་གྲྭ་འདིས་བྱིས་པའི་ཕོ་བྲང་གི་རྣམ་གྲངས་བརྩོན་ལེན་བྱས་ནས་སློབ་མའི་འཇོན་ནུས་དང་དགའ་ཕྱོགས་སྐྱེད་སྲིང་།སློབ་ཕྱིའི་འཚོ་བ་སྤྲོ་སྣང་ལྡན་པར་བྱེད་ཆེད་ཞབས་བྲོ་ཚོ་ཆུང་དང་།རྒྱ་བོད་སྐད་གཉིས་ཀྱི་མདོ་འཛིན་ཚོ་ཆུང་།གྱེར་འདོན་ཚོ་ཆུང་།སྤོ་ལོ་ཚོ་ཆུང་།རི་མོ་ཚོ་ཆུང་སོགས་བསྒྲུབ་འཛུགས་གནང་ཡོད། སློབ་གྲྭསསློབ་མ་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་བཏང་སྟེ་འབྲོག་ཁུལ་ཚད་ལྡན་སློབ་གྲྭ་འཛུགས་སྐྲུན་གྱི་སློབ་སྒྲུབ་དམིགས་འབེན་དང་།སྤྱོད་ལེགས་ལས་བཀུར།ཤེས་བརྩོན་གཟབ་ནན།གྱི་དགེ་རྒན་དཔུང་སྡེ་འཛུགས་བསྐྲུན་དམིགས་འབེན་དུ་བཟུང་ནས་སྤུས་ལྡན་སློབ་སྒྲུབ།ཆ་མཐུན་སློབ་སྤེལ།གསར་གཏོད་ནུས་ལྡན་གྱི་ཁ་ཕྱོགས་རྒྱུན་འཛིན་དང་ཁྱད་ཆོས་འབུར་ཐོན་གྱི་ཀུན་སྤྱོད་གནད་འཛིན།ཚན་དཔྱོད་སློབ་སྒྲུབ།མི་གཞི་རྩ་བ་ཡིན་པའི་དོ་དམ་གྱི་རྣམ་པའི་སློབ་སྒྲུབ་ལྟ་བ་རྒྱུན་འཁྱོངས་བྱེད་པ་སོགས་ནི་རྩེ་ཆུ་གྲོང་རྡལ་དཀྱིལ་སྙིང་སློབ་གྲྭའི་བྱ་བའི་ཁ་ཕྱོགས་ཀྱི་ཕུགས་འདུན་དུ་གྲུབ་ཡོད། རང་སློབ་གྲྭས་མུ་མཐུད་དུ་ཏང་འཛུགས་བྱ་བར་ཤུགས་སྣོན་དང་།སྤུས་ཚད་སློབ་གསོ་གོང་སྤེལ།དཔལ་ཡོན་སྙིང་སྟོབས་འཛུགས་སྐྲུན་གང་ལེགས་བྱས་ཏེ་སྤྱི་ལོ༢༠༡༢དང་༢༠༡༤ལོའི་ལོ་མཇུག་ཏང་འཛུགས་བྱ་བའི་དཔྱད་བསྡུར་ཞིབ་བཤེར་ཁྲོད་རྫོང་ཡོངས་ཀྱི་སྔོན་ཐོན་ལས་ཁུངས་དང་།༢༠༡༤ལོར་མཚོ་སྔོན་ཞིང་ཆེན་སྐེ་དཀྲིས་དམར་པོའི་དཔེ་སྟོན་སློབ་གྲྭ  རྨ་ལྷོ་ཁུལ་གྱི་ཕུལ་བྱུང་ན་ཆུང་གདོང་ལེན་རུ་ཆེན།རྩེ་ཁོག་རྫོང་ཚད་ལྡན་ན་ཆུང་གདོང་ལེན་རུ་ཁག་དང་།༡༠༡༥ལོར་གཞི་རིམ་གྱི་སྔོན་ཐོན་ཏང་རྩ་འཛུགས་དང་སྔོན་ཐོན་གྱི་ན་ཆུང་གདོང་ལེན་རུ་ཁག་སོགས་ཀྱི་གཟི་བརྗིད་མཚན་སྙན་གནང་ཡོད།

     ཉེ་བའི་ལོ་འགའི་རིང་གི་སློབ་གྲྭའི་དམིགས་འབེན་གཙོ་བོ་ནི།སྒྲིག་ལམ་སྣ་ཚོགས་འཐུས་ཇེ་ཚང་དང་།སློབ་གྲྭའི་བྱ་བའི་ལམ་ལུགས་སྣ་ཚོགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ།སློབ་གྲྭའི་བདག་གཉེར་དོ་དམ་དང་།སློབ་སྲོལ་བཟང་པོ།ཁོར་ཡུག་མཛེས་པ།སློབ་ཁྲིད་ཀྱི་སྒྲིག་ཆས་ཆ་ཚང་བ།དགེ་རྒན་གྱི་དཔུང་སྡེའི་སྟོབས་ཤུགས་སྔར་ལས་ཇེ་བཟང་དུ་བཏང་སྟེ།སློབ་ཁྲིད་ཀྱི་རྒྱུ་སྤུས་མཐོར་འདེགས་དང་།ཁྱིམ་བདག་ཡོངས་ནས་ཡིད་ཆེས་ཐོབ་པའི་རྩེ་ཁོག་རྫོང་གི་སྔོན་ཐོན་གྱི་སློབ་གྲྭ་ཞིག་ཏུ་འགྱུར་བར་བརྩོན་ལེན་བྱ་རྒྱུ་ཡིན།

ཡུན་རིང་གི་དམིགས་འབེན་གཙོ་བོ་ནི།རྨ་ལྷོར་རྐང་ཚུགས་ནས་བོད་ཁུལ་ལ་ཁ་ཕྱོགས་ཏེ།རྒྱལ་ཡོངས་འགྲོས་མཐུན་གྱི་སློབ་གྲྭ་ཞིག་སྒྲུབ་པར་བརྩོན་ལེན་བྱ་རྒྱུ་དེ་ཡིན།།


编辑:徐勇
上一篇:学校简介(视频)
下一篇:没有了
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。泽库县泽曲镇中心完小 特此声明。

联系地址:青海省黄南藏族自治州泽库县泽曲镇环城西路5号
北京网笑科技有限公司 仅提供技术支持 违法和不良信息举报中心